ནང་དོན་གཙོ་བོའི་སྟེང་དུ་སྐྱོད་པ

ངས་རང་ཉིད་བོར་བ་དང་ཆག་པ་ལྟར་ཚོར…

Person walking

“ངས་རང་ཉིད་བོར་བ་དང་། རེ་བ་མེད་པ། ཆག་སྒྱེལ་ཤོར་བ། ཁེར་རྐྱང་ཡིན་པ་ལྟར་ཚོར། ང་གཅིག་པུས་དོན་མེད་ཀྱི་ཚེ་འདི་དང་འཐབ་རྩོད་བྱེད་བཞིན་ཡོད་ལ། ང་ལ་སུས་ཀྱང་དོ་སྣང་མི་བྱེད།” ང་ཚོས་སྐབས་རེར་དེ་ལྟར་ཚོར་གྱི་ཡོད།

ཁྱོད་ཀྱིས་རང་གི་ཁུར་བོ་ལྕི་མོ༌རྣམས། །ཡ་ཝཱེར་འཆོལ་དང་ཁོང་གིས་ཁྱོད་རང༌སྐྱོར། །ཁོང་གིས་དྲང་པོ་ནམ་ཡང་འགྱེལ་མི༌བྱ།།
( གསུང༌མགུར། 55:22 )
ཡ་ཝཱེ་ཡིད་སེམས་སྐྱོ་བའི་མི་ལ༌བཅར། །སེམས་ཁམས་སྡུག་གིས་མནར་བ་ཁོང་གིས༌བསྐྱབ།།
( གསུང༌མགུར། 34:18 )

དང་པོ། ཁྱེད་གཅིག་པུ་མིན། ས་གཞི་དང་གནམ་བཀོད་པ་པོ་ང་ཚོའི་དཀོན་མཆོག་ད་ལྟ་ཁྱེད་ཀྱི་འགྲམ་དུ་ཡོད། ཁོང་གིས་ཁྱེད་དྲ་ངོས་འདིར་ཁྲིད་བྱུང་། འཇིག་རྟེན་འདིའི་ནང་གློ་བུར་དུ་བྱུང་བ་གང་ཡང་མེད། དཀོན་མཆོག་གི་བརྩེ་སྐྱོང་མེད་པར་ཅི་ཡང་མི་འབྱུང་།

ལར་བྱེའུ་གཉིས་ཀྱི་རིན་ཐང་ནི་དོང་ཙེ་གཅིག་མ་ཡིན༌ནམ། ཁྱོད་རྣམས་ཀྱི་ཡབ་ཀྱིས་མི་མཁྱེན་པར་དེ་རྣམས་ལས་གཅིག་ཀྱང་སར་ལྷུང་བར་མི་འགྱུར༌ལ།
( མད༌ཐཱ། 10:29 )

ཁྱེད་ཀྱི་དཀོན་མཆོག་གཙོ་བོའི་མདུན་དུ་ཁྱེད་ཀྱི་སེམས་ཕྱེ་ཞིག ཞེད་སྣང་མ་བྱེད།

དཀའ་སྡུག་ཆེན་པོ་མྱོང་བ་དང་ཁུར་བོ་ལྕི་མོས་མནན་ཡོད་པ་ཐམས་ཅད་བདག་གི་དྲུང་དུ་ཤོག༌དང༌། བདག་གིས་ཁྱོད་རྣམས་ལ་ངལ་གསོ་སྟེར་བར༌བྱའོ།། བདག་གི་གཉའ་ཤིང་ཁུར་ལ་བདག་ནས་སློབས༌དང༌། བདག་ནི་གཤིས་རྒྱུད་འཇམ་ཞིང་སྙེམས་ཆུང༌ཡིན། དེ་ལྟར་བྱས༌ན། ཁྱོད་རྣམས་ཀྱི་སེམས་སུ་ངལ་གསོ་འཐོབ་ངེས༌ཡིན། རྒྱུ་མཚན་ནི་བདག་གི་གཉའ་ཤིང་བདེ་ཞིང་ངའི་ཁུར་བོའང་ཡང་ངོ་ཞེས་གསུངས༌སོ།།
( མད༌ཐཱ། 11:28-30 )
བདག་ནི་ཁྱོད་དང་མཉམ་དུ་ཡོད་པས་མ་འཇིགས་ཤིག བདག་ནི་ཁྱོད་ཀྱི་དཀོན་མཆོག་ཡིན་པས་དཔའ་མ་ཞུམ། བདག་གིས་ཁྱོད་རང་བརྟན་པོར་བྱེད་ཅིང་ཁྱོད་ལ་རོགས་བྱས་ནས། བདག་གི་དྲང་གཞག་གི་ལག་གཡས་པས་ཁྱོད་རང་སྐྱོར་བར་བྱའོ། །
( ཡེ་ཤ་ཡཱ། 41:10 )

ཁྱེད་ཀྱིས་ཚོར་བའི་སྡུག་བསྔལ་དང་ཁྱེད་ལ་ཡོད་པའི་དཀའ་ངལ་དེ་དག་ད་ནས་བཟུང་ཁྱེད་ཀྱི་དཀའ་ངལ་མ་ཡིན། ད་ནི་དེ་དག་ཁྱེད་ཀྱི་དཀོན་མཆོག་གཙོ་བོའི་དཀའ་ངལ་ཡིན།

ཁྱོད་ཀྱིས་རང་གི་ཁུར་བོ་ལྕི་མོ༌རྣམས། །ཡ་ཝཱེར་འཆོལ་དང་ཁོང་གིས་ཁྱོད་རང༌སྐྱོར། །ཁོང་གིས་དྲང་པོ་ནམ་ཡང་འགྱེལ་མི༌བྱ།།
( གསུང༌མགུར། 55:22 )
ཁྱོད་ཅག་གིས་རང་གི་སེམས་ཁུར་མཐའ་དག་དཀོན་མཆོག་ལ་བཅོལ་དགོས་ཏེ། རྒྱུ་མཚན་ནི་ཁོང་གིས་ཁྱོད་རྣམས་ལ་གཟིགས་སྐྱོང་མཛད་པས༌སོ།།
( པེ་ཏྲོ་དང་པོ། 5:7 )

ད་ཁྱེད་ཀྱི་སེམས། ཁྱེད་འདིར་ཁྲིད་ཡོང་བའི་སེམས་དེ་ལོངས་ལ། གཙོ་བོར་ཕུལ་ཞིག

ངས་སེམས་གསར་པ་ཞིག་ཁྱོད་རྣམས་ལ་གནང་སྟེ། སེམས་ཉིད་གསར་པ་ཞིག་ཁྱོད་ཀྱི་ནང་དུ་འཇོག་པར་བྱ། ངས་ཁྱོད་ཅག་གི་ལུས་ནས་རྡོ་ལྟ་བུའི་སེམས་དེ་འདོན་ཞིང་ཤ་ཡི་སྙིང་ཞིག་ཁྱོད་རྣམས་ལ་གནང་བར་བྱའོ། ། ཡང་ངས་རང་གི་སེམས་ཉིད་ཁྱོད་ཚོའི་ནང་དུ་བཞག་སྟེ། ཁྱོད་ཚོར་ངའི་སྒྲིག་ཁྲིམས་རྣམས་བརྩི་བ་དང་ངའི་སྒྲིག་སྲོལ་རྣམས་བསྲུང་བར་འཇུག་གོ །
( ཨེ་ཟེ་ཀི་ཨེལ། 36:26-27 )

ཁྱེད་ཀྱིས་ཐོབ་པའི་ཐུགས་ཉིད་དེ་སྔོན་གྱི་ཁྱེད་ཀྱི་ཐུགས་ཉིད་མ་ཡིན། འཇིགས་སྣང་གི་ཐུགས་ཉིད་ཀྱང་མ་ཡིན།

ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་བདག་ཅག་ལ་སྡར་མའི་སེམས་གནང་བ་མ་ཡིན༌པར། ཞུམ་མེད་དང་བྱམས༌པ། རང་གཅུན་ཐུབ་པ་བཅས་ཀྱི་སེམས་གནང་བའི་ཕྱིར༌རོ།།
( ཐི་མོ་ཐེ་གཉིས་པ། 1:7 )

ཁྱེད་ཀྱི་ནང་དུ་ཡོད་པའི་ཐུགས་ཉིད་དེ། ཁྱེད་གསར་པ་དེ་ཚོར་ཞིག

ཁྱོད་ཅག་ལ་དམ་པའི་ཐུགས་ཉིད་ཀྱི་མཐུ་སྟོབས་བརྒྱུད་ནས་རེ་བ་ཆེན་པོ་འཐོབ་པའི༌ཕྱིར། ད་ནི་རེ་བ་གནང་མཁན་དཀོན་མཆོག་གིས་ཁྱོད་རྣམས་ཀྱི་དད་པ་བརྒྱུད་ནས་ཁྱོད་ཅག་ལ་དགའ་སྤྲོ་དང་ཞི་བདེ་ཕུན་སུམ་ཚོགས་པ་གནང་བར༌སྨོན།
( རོ་མཱ་པ། 15:13 )

ཐུགས་ཉིད་འདི་གནས་སྐབས་ཙམ་མ་ཡིན། དེ་རིང་ཁོ་ནའི་ཆེད་དུ་ཡིན་པ་ཞིག་ཀྱང་མ་ཡིན…

མཐོ་སར་གནས༌པ། དམའ་སར་གནས༌པ། བསྐྲུན་པའི་དངོས་པོ་གཞན་གང་གིས༌ཀྱང༌། བདག་ཅག་དཀོན་མཆོག་གི་བྱམས་པ་དང་ཕྲལ་མི་ནུས༌ཏེ། བྱམས་པ་འདི་ནི་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུའི་ནང་དུ་གནས་པས་སོ།།
( རོ་མཱ་པ། 8:39 )

ད་ཁྱེད་ཀྱི་ཚེ་སྔ་མ་བོར་ནས། ང་ཚོའི་སྐྱབས་མགོན་གཅིག་པུ། གསོན་པོའི་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀའི་རྗེས་སུ་འབྲང་ཞིག

དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། བདག་ནི་འཇིག་རྟེན་གྱི་འོད་ཟེར་ཡིན༌ཞིང༌། ངའི་རྗེས་སུ་འབྲང་མཁན་རྣམས་མུན་པའི་ནང་དུ་བགྲོད་པ་མ་ཡིན་པར་ཚེ་སྲོག་གི་འོད་དང་ལྡན་པར་འགྱུར་ཞེས་གསུངས་པ༌དང༌།
( ཡོ་ཧ་ནན། 8:12 )