ནང་དོན་གཙོ་བོའི་སྟེང་དུ་སྐྱོད་པ

ང་ཐར་པ་ཐོབ་བམ།

Opened bible on "Genesis" page

མི་རྣམས་ལ་ཁོང་ཚོས་ཐར་པ་ཐོབ་མིན་དྲི་བ་རྒྱུན་དུ་འདྲི་བ་དང་། ཡང་ན་ཁོང་ཚོ་རང་གི་ཐར་པའི་སྐོར་ལ་སེམས་ཁྲལ་བྱེད་པའམ་འཆི་བར་འཇིགས་པ་ཡོད།

ཐོག་མར་དཀོན་མཆོག་གིས་ང་ཚོ་ཨེ་དེན་ལྡུམ་ར་རུ་ཁོང་དང་མཉམ་དུ་སྡོད་ཆེད་བཀོད། འོན་ཀྱང་ཨེ་ཝ་དང་ཨ་དམ་གྱིས་བཀག་པའི་འབྲས་བུ་ཟོས་ཏེ། ང་ཚོའི་ཚེ་སྲོག་ནང་སྡིག་པ་ཁྱེར་ཡོང་། སྡིག་པས་ང་ཚོ་དཀོན་མཆོག་དང་ཁ་བྲལ་དུ་འཇུག དཀོན་མཆོག་མེད་ན་ཚེ་སྲོག་མེད། སྡིག་པས་འཆི་བ་ཁྱེར་ཡོང་…

ཁྱོད་ཅག་གི་ཉེས་པས་ཁྱོད་ཅག་རང་གི་དཀོན་མཆོག་དང་ཕྲལ་ཞིང་། ཁྱོད་རྣམས་ཀྱི་སྡིག་པས་ཁོང་གི་ཞལ་རས་ཁྱོད་ཅག་གི་ཕྱོགས་སུ་སྦས་པ་དང་། ཁྱོད་རྣམས་ཀྱི་གསོལ་འདེབས་ལ་ཁོང་གིས་གསན་མ་གྱུར།
( ཡེ་ཤ་ཡཱ། 59:2 )
འཆི་བའི་དུག་མདུང་ནི་སྡིག་པ་ཡིན༌ལ། སྡིག་པའི་དབང་ཤུགས་ནི་བཀའ་ཁྲིམས་ཡིན།
( ཀོ་རིན་ཐུ་པ་དང་པོ། 15:56 )

སྡིག་པ་མི་བྱེད་པའི་མི་རྣམས་ཇི་ལྟར་ཡིན་ནམ།

བདག་ཅག་གིས་རང་ལ་སྡིག་པ་མེད་ཟེར་ན། དེ་ནི་རང་མགོ་རང་གིས་གཡོག་པ་ཡིན་པས། བདེན་པ་ཉིད་ནི་བདག་ཅག་གི་སེམས་སུ་གནས༌པ་མ་ཡིན་ནོ།།
( ཡོ་ཧ་ནན་དང་པོ། 1:8 )
ས་སྟེང་དུ་རྟག་ཏུ་བཟང་པོ་བྱེད་ཅིང་ཉེས་པ་གང་ཡང་མི་བྱེད་པའི་མི་དྲང་པོ་ནི་གཅིག་ཀྱང་མེད།
( སྟོན་པ། 7:20 )

དཀོན་མཆོག་དང་ཁ་བྲལ་བ་ཟེར་བ་ནི་དོན་ཅི་ཡིན་ནམ།

སྡིག་པ་བྱེད་པ་དེ་ཁོ་ན་འཆི་བར་འགྱུར་ཞིང་། བུ་ཡིས་རང་གི་ཕ་ཡི་སྡིག་པ་འཁུར་མི་དགོས་ལ། ཕ་ཡིས་ཀྱང་རང་གི་བུ་ཡི་སྡིག་པ་འཁུར་མི་དགོས་པར། དྲང་བདེན་ཅན་གྱི་དྲང་བདེན་ནི་ཁོ་རང་གི་སྟེང་དུ་འབབ་པར་འགྱུར་ལ། སྡིག་སྤྱོད་ཅན་གྱི་ངན་པ་དེ་ཡང་ཁོ་རང་གི་སྟེང་དུ་འབབ་པར་འགྱུར།
( ཨེ་ཟེ་ཀི་ཨེལ། 18:20 )

དཀོན་མཆོག་ནི་འོད་ཡིན། དཀོན་མཆོག་ནི་བྱམས་པ་ཡིན། དཀོན་མཆོག་ནི་ཚེ་སྲོག་ཡིན། དཀོན་མཆོག་དང་ཁ་བྲལ་བ་ནི་ཚེ་སྲོག་དང་ཁ་བྲལ་བ་ཡིན། འདི་ནི་གཤམ་གྱི་ལུང་ཚིག་རྣམས་ལས་ང་ཚོས་མཐོང་ཐུབ།

ཁོང་གི་ནང་དུ་ཚེ་སྲོག་བཞུགས་པ་དང༌།། ཚེ་སྲོག་དེ་ནི་མི་ཡི་གཟི་འོད་དོ།། གཟི་འོད་ཉིད་ནི་མུན་པར་འཕྲོ་བྱེད༌ཀྱང༌།། མུན་པ་དེ་ལས་རྒྱལ༌བར་མ་གྱུར་ཏོ།།
( ཡོ་ཧ་ནན། 1:4-5 )
དཀོན་མཆོག་ནི་འོད་ཟེར་ཡིན་པས་ཁོང་ལ་མུན་ནག་གཏན་ནས་མེད་དོ།། འདི་ནི་ངེད་ཅག་གིས་སྐྱབས་མགོན་ཡེ་ཤུ་ནས་ཐོས་ཤིང་ཁྱོད་ཅག་ལ་སྒྲོག་པའི་བརྡ་འཕྲིན་ཡིན་ནོ།།
( ཡོ་ཧ་ནན་དང་པོ། 1:5 )
དཀོན་མཆོག་ཐུགས་ཉིད་ཀྱིས་ནི་བདག་བཀོད་ཅིང་། ། ཀུན་དབང་ཞལ་དབུགས་ཀྱིས་ནི་ཚེ་སྲོག་སྩོལ། །
( ཨེས་ཡོབ། 33:4 )
དཀོན་མཆོག་གིས་བདག་ཅག་ལ་བྱམས་པ་ནི་བདག་ཅག་གིས་ཤེས་ཤིང་ཡིད་ཆེས་ཀྱང་བྱེད༌པ་དང་། དཀོན་མཆོག་ནི་བྱམས་པ་ཡིན། སུ་ཞིག་བྱམས་པའི་ནང་དུ་གནས་པ་ཡིན་ན། དཀོན་མཆོག་གི་ནང་དུའང་གནས་པ་ཡིན༌ལ། དཀོན་མཆོག་ཀྱང་མི་དེའི་ནང་དུ་བཞུགས༌པ་ཡིན།
( ཡོ་ཧ་ནན་དང་པོ། 4:16 )

ང་ཚོ་སླར་ཡང་དཀོན་མཆོག་དང་མཐུན་སྒྲིལ་བྱས་ཏེ་ཚེ་སྲོག་ཐེར་འདོན་ཇི་ལྟར་ཐོབ་ཐུབ་བམ།

གལ་ཏེ་དཀོན་མཆོག་གནམ་དུ་བཞུགས་ཤིང་ང་ཚོ་ས་སྟེང་དུ་ཡོད་ན། དཀོན་མཆོག་གི་དྲུང་དུ་སླེབ་ཅིང་སླར་ཡང་ཁོང་དང་མཐུན་སྒྲིལ་བྱེད་པར་ང་ཚོས་ཅི་ཞིག་བྱེད་ཐུབ་བམ།

དེ་ཡང་ནམ་མཁའི་ཞིང་ཁམས་ནས་ཕེབས་པའི་མིའི་བུ་ལས༌གཞན། སུ་ཞིག་ཀྱང་ནམ་མཁའི་ཞིང་ཁམས་སུ་འཕགས་མ་མྱོང༌།
( ཡོ་ཧ་ནན། 3:13 )
ཡང་སྟེང་ནས་བྱོན་པ་དེ་ཉིད་ཐམས་ཅད་ལས་བླ་ན༌མཐོ་བ་ཡིན། ས་གཞི་ལ་གཏོགས་པ་དེ་རྣམས་ས་ཐོག་ཏུ་གནས་ཤིང་ས་ཐོག་གི་གཏམ་ཁོ་ན་གླེང་ངོ༌།། འོན་ཀྱང་སྟེང་ནས་བྱོན་པ་དེ་ཉིད་ཐམས་ཅད་ལས་བླ་ན༌མཐོ་བ་ཡིན། སྐྱབས་མགོན་ཡེ་ཤུས་རང་ཉིད་ཀྱི་མཐོང་ཐོས་རྣམས་ལ་བདེན་དཔང་མཛད་ནའང་མི་གཞན་སུས་ཀྱང་ཁས་མ་བླངས། དེ་ཡང་དཀོན་མཆོག་གིས་མངགས་པ་དེས་དཀོན་མཆོག་གི་བཀའ་གསུང༌ཞིང༌། དེ་ནི་དཀོན་མཆོག་གིས་ཁོང་ལ་དམ་པའི་ཐུགས་ཉིད་རྫོགས་མཐའ་མེད་པ་ཞིག་གནང་བའི་ཕྱིར༌རོ།།
( ཡོ་ཧ་ནན། 3:31-32,34 )

ཡེ་ཤུ་མ་ཤི་ཀ་གནམ་ནས་བབས་བྱོན། ཁོང་གིས་ཐར་པའི་སྐོར་ལ་ཅི་ཞིག་གསུངས་སམ།

དཀོན་མཆོག་གིས་འཇིག་རྟེན་ལ་གཅེས་ཤིང་བྱམས༌ཏེ། ཁོང་གི་སྲས་ལ་དད་པ་བྱེད་མཁན་ཐམས་ཅད་ལ་ནམ་ཡང་འཇིག་པ་མེད་ཅིང་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར། ཁོང་གིས་རང་ཉིད་ཀྱི་སྲས་གཅིག་པོའང་མི་ཀུན་ལ་གནང༌བའོ།། དཀོན་མཆོག་གིས་རང་གི་སྲས་འཇིག་རྟེན་དུ་མངགས་པ་ནི་འཇིག་རྟེན་གྱི་མི་ཐམས་ཅད་སྐྱོབ་པར་མཛད་པ་ལས་ཉེས་ཆད་གཅོད་པར་མངགས་པ་མ་ཡིན་ནོ།།
( ཡོ་ཧ་ནན། 3:16-17 )

དེ་ན་ཚེ་སྲོག་ཐེར་འདོན་ཐོབ་པར་ང་ཚོས་དཀོན་མཆོག་གི་སྲས་ལ་དད་པ་བྱེད་པ་ཙམ་གྱིས་ཆོག་གམ། ང་ཚོས་སྡིག་པ་བྱས་ཡོད་ཀྱང་ཆོག་གམ། ང་ཚོར་ཁྲིམས་གཅོད་ཇི་ལྟར་བྱེད་དམ།

དཀོན་མཆོག་གི་སྲས་ལ་དད་པ་བྱེད་མཁན་རྣམས་ལ་ཉེས་ཆད་གཅོད་པར་མི་འགྱུར༌ཡང༌། དཀོན་མཆོག་གི་སྲས་གཅིག་པོའི་མིང་ལ་དད་པ་མི་བྱེད་པ་རྣམས་ཀྱིས་དད་པ་མ་བྱས་པས་ཉེས་ཆད་བཅད་ཟིན༌པ་ཡིན།
( ཡོ་ཧ་ནན། 3:18 )
ཡང་བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། སུ་ཞིག་གིས་བདག་གི་བཀའ་ལ་ཉན་ཞིང་ང་རང་མངགས་མཁན་ལ་དད་པ་བྱས་ཡོད་པ་ཡིན༌ན། མི་དེ་རྣམས་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་ཡོད་པ༌དང༌། ཉེས་ཆད་གཅོད་པར་མི་འགྱུར་ཞིང་། མི་དེ་རྣམས་འཆི་བ་ལས་གྲོལ་ནས་ཚེ་སྲོག་གི་ནང་དུ་ཞུགས་པ་ཡིན་ནོ།།
( ཡོ་ཧ་ནན། 5:24 )

ང་ཚོའི་ཡབ་དཀོན་མཆོག་དང་སླར་ཡང་མཐུན་སྒྲིལ་བྱེད་པའི་ཐབས་ལམ་གཞན་ཡོད་དམ།

སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ནི་ལམ་དེ་ཉིད་དང༌། བདེན་པ༌ཉིད། ཚེ་སྲོག་ཉིད་བཅས་ཡིན༌ནོ། །ང་རང་མ་བརྒྱུད་པར་མི་སུའང་ཡབ་ཀྱི་དྲུང་དུ་འགྲོ་མི་ཐུབ་བོ།།
( ཡོ་ཧ་ནན། 14:6 )

དཀོན་མཆོག་དང་ཡེ་ཤུ་མ་ཤི་ཀ་ལ་དད་པ་བྱེད་པ་ཟེར་བ་ནི་དོན་ཅི་ཡིན་ནམ།

ཡེ་ཤུ་མ་ཤི་ཀ་ལ་དད་པ་བྱེད་པར་ཁོང་གི་མཚན་ཙམ་མ་ཡིན་པར་ཁོང་གི་སྐོར་མང་བ་ཤེས་དགོས། དམ་པའི་གསུང་རབ་ཆ་ཚང་ཀློག་ན་ལེགས། གང་ཡིན་ཟེར་ན། ལོ་རྒྱུས་ཆ་ཚང་མ་ཤེས་པར་གསལ་བའི་རི་མོ་ཞིག་ཐོབ་མི་ཐུབ། གན་རྒྱ་རྙིང་པའི་ནང་མ་ཤི་ཀ་དང་ཁོང་གིས་ཨིསི་ར་ཨེལ་དང་། ཡིཧུ་དཱ། འཛམ་གླིང་ལྷག་མ་རྣམས་སུ་འཁུར་བའི་ལས་འགན་སྐོར་ཀློག་དགོས། དེ་ནས་གན་རྒྱ་གསར་པའི་ནང་ཡེ་ཤུའི་ལོ་རྒྱུས་ཀློག་སྟེ། ཁོང་ནི་མ་ཤི་ཀ་སྟེ་བྱུག་ཆོག་ཐོབ་པ་དེ་ཡིན་པར་ཁྱེད་ཀྱིས་ཡིད་ཆེས་བྱེད་མིན་རང་ཉིད་ཀྱིས་ཐག་གཅོད་གནང་། འགོ་འཛུགས་པར་རོགས་པའི་ཆེད་དུ་འདིར་ལུང་ཚིག་འགའ་ཞིག་ཡོད།

ཡེ་ཤུ་མ་ཤི་ཀ་དང་དཀོན་མཆོག་གི་བར་གྱི་འབྲེལ་བ་ནི་ཅི་ཡིན་ནམ།

གཅེས་པའི་སྲས་ནི་མིག་གིས་མཐོང་མི་ནུས་པའི་དཀོན་མཆོག་གི་སྣང་བརྙན་ཡིན༌ལ། འཇིག་རྟེན་དུ་བཀོད་པའི་དངོས་པོ་ཐམས་ཅད་ཀྱི་སྔོན་ལ་འཁྲུངས་ཡོད་པའོ།། ཅིའི་ཕྱིར་ཞེ་ན། ཡབ་ཐུགས་དགྱེས་པ་ནི་འདི་ལྟ༌སྟེ། ཁོང་གིས་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱབས་མགོན་ཡེ་ཤུའི་ཐུགས་རྒྱུད་དུ་གནས་པར་མཛད་པ༌དང༌།
( ཀོ་ལོ་སཱ་པ། 1:15,19 )
འཇིག་རྟེན་འདིའི་ལྷ་ཡིས་དད་པ་མེད་པའི་མི་རྣམས་ཀྱི་སེམས་རྨོངས་པར་བྱས༌ཏེ། སྐྱབས་མགོན་མཱ་ཤི་ཀའི་གཟི་བརྗིད་དང་ལྡན་པའི་འཕྲིན་བཟང་གི་འོད་སྣང་ཁོ་རྣམས་ལ་འཕྲོ་རུ་མི་འཇུག༌པའི་ཕྱིར་རོ།། སྐྱབས་མགོན་མཱ་ཤི་ཀ་ནི་དཀོན་མཆོག་གི་སྣང་བརྙན་ཡིན།
( ཀོ་རིན་ཐུ་པ་གཉིས་པ། 4:4 )

ཡེ་ཤུ་མ་ཤི་ཀ་ཉིད་ཀྱིས་དེའི་སྐོར་ལ་ཅི་ཞིག་གསུངས་སམ།

ཡང་འདི་སྐད༌དུ། ཕི་ལིབ། ང་རང་ཁྱོད་ཅག་དང་མཉམ་དུ་ཡུན་རིང་པོར་བསྡད༌ཀྱང༌། ཁྱོད་ཀྱིས་ད་དུང་ང་རང་ངོ་མི་ཤེས༌སམ། སུ་ཞིག་གིས་ང་རང་མཐོང་བ་ཡིན་ན་ཡབ་ཀྱང་མཐོང་བ་ཡིན༌པས། ཁྱོད་ཀྱིས་ཅིའི་ཕྱིར་ཡབ་མངོན་པར་མཛོད་ཅེས༌སྨྲའམ།
( ཡོ་ཧ་ནན། 14:9 )
ཡང་སུ་ཞིག་གིས་ང་རང་མཐོང་བ་ཡིན་ན་ང་རང་མངགས་མཁན་མཐོང༌བ་ཡིན།
( ཡོ་ཧ་ནན། 12:45 )

དེ་མིན་ཡེ་ཤུའི་སྐོར་གྱི་ལུང་ཚིག་འགའ་ཤས་…

ཁོང་ནི་དཀོན་མཆོག་གི་གཟི་བརྗིད་ལས་འཕྲོས་པའི་འོད་ཟེར་ཡིན༌ལ། དཀོན་མཆོག་གི་ངོ་བོའི་སྣང་བརྙན་དངོས་མའང་ལགས་ཤིང་། ཁོང་གི་ནུས་མཐུ་ཆེ་བའི་བཀའ་ཡིས་རྟག་ཏུ་དངོས་པོ་ཐམས་ཅད་སྐྱོར་བའོ།། ཁོང་གིས་མིའི་རིགས་ཀྱི་སྡིག་པ་དག་པར་མཛད༌རྗེས། ནམ་མཁའི་ཞིང་ཁམས་ཀྱི་གཟི་བརྗིད་བླ་ན་མེད་པ་དེ་ཉིད་ཀྱི་གཡས་ཕྱོགས་སུ་བཞུགས༌ལགས་སོ།།
( ཨིབ་རི་པ། 1:3 )
དེ་ཡང་བཀའ་དེ་མི་ཡི་གཟུགས་པོར་གྱུར།། ང་ཚོའི་ཁྲོད་དུ་ཁོང་ནི་བཞུགས་པ༌དང༌།། ཁོང་གི་གཟི་བརྗིད་ང་ཚོས་དངོས་སུ༌མཐོང༌།། དེ་ནི་ཡབ་ལས་བྱུང་བའི་སྲས་གཅིག་པུའི༎ གཟི་བརྗིད་ཡིན་ཞིང་སྲས་པོ་ཁོང་ལ་འང༎ ཐུགས་རྗེ་དང་ནི་བདེན་པ་ཉིད་ཀྱིས་ཁེངས༎
( ཡོ་ཧ་ནན། 1:14 )

མཇུག་བསྡུ།

ད་ཁྱེད་ཀྱིས་ཐར་པའི་སྐོར་མང་བ་ཤེས་སོང་། འོན་ཀྱང་ཁྱེད་ཀྱིས་ཐར་པ་ཐོབ་མིན་ལ་ད་དུང་སེམས་ཁྲལ་བྱེད་ན། གཤམ་གྱི་དོན་དག་ཤེས་དགོས།

སུ་ཞིག་གིས་རང་སྲོག་སྐྱོབ་འདོད་པ་དེས་རང་སྲོག་འཆོར༌ཞིང༌། སུ་ཞིག་གིས་བདག་གི་དོན་དུ་རང་སྲོག་འདོར་བ་དེར་རང་སྲོག་འཐོབ་ངེས༌ཡིན།
( མད༌ཐཱ། 16:25 )

ད་ནི་ཐར་པ་ཐོབ་མིན་ལ་སེམས་ཁྲལ་བྱེད་པའི་ཚབ་ཏུ། འཕྲིན་བཟང་སྟེ། སྲས་ཡེ་ཤུ་མ་ཤི་ཀ་བརྒྱུད་ནས་སྟོན་པའི་དཀོན་མཆོག་གི་ངོ་བོ་དངོས་དེ་གོ་བར་དམིགས་སུ་ཟུང་། ཁོང་གི་རྗེས་སུ་འབྲང་། ལྷག་མ་རྣམས་ཡེ་ཤུས་བདག་གཉེར་གནང་ངེས།

འོན༌ཀྱང༌། ཁྱོད་རྣམས་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་དང་ཁོང་གི་རྣམ་དག་དེ་ཉིད་འཚོལ་ཞིང་སྙེགས་པར་གྱིས༌དང༌། དེ་རྣམས་ཀྱང་ཁྱོད་ཅག་ལ་གནང་བར་འགྱུར༌རོ།།
( མད༌ཐཱ། 6:33 )