ནང་དོན་གཙོ་བོའི་སྟེང་དུ་སྐྱོད་པ

ཡེ་ཤུ་ནི་མེ་སི་ཡ་ཡིན་ནམ།

Jesus sculpture

ཡེ་ཤུ་དང་། ཁོང་གིས་ང་ཚོའི་ཆེད་དུ་ཁྲུས་ཤིང་སྟེང་དུ་གྲོངས་ནས་ང་ཚོ་སྐྱབས་པའི་སྐོར་ང་ཚོས་རྟག་ཏུ་ཐོས་ཀྱི་ཡོད། ཁོང་ལ་ཡིད་ཆེས་བྱེད་མཁན་སུ་ཡིན་ཡང་ཚེ་རྟག་པ་ཐོབ།

ང་ཚོའི་ཚེ་སྲོག་སྐྱོབ་པ་ནི་རེ་སྒུག་བྱེད་པའི་མེ་སི་ཡའི་ལས་འགན་ཡིན… འོན་ཀྱང་ཡེ་ཤུ་ནི་མེ་སི་ཡ་དངོས་ཡིན་ནམ། ཡང་ན་ང་ཚོས་མི་གཞན་ཞིག་ལ་སྒུག་དགོས་སམ།

བདམས་པ་དེ་སྟེ་ང་ཚོ་ཚང་མ་སྐྱོབ་མཁན་དེའི་སྐོར་གྱི་གནས་ཚུལ་ཕལ་ཆེ་བ་ང་ཚོས་ལུང་སྟོན་པ་ཡེ་ཤ་ཡཱའི་དེབ་ནས་ཐོབ། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པའི་ཉེ་འཁོར་དུ་བཞུགས་ཤིང་ལུང་བསྟན་གནང་། དེ་ནི་ཕལ་ཆེར་ཡེ་ཤུ་སྐུ་འཁྲུངས་པའི་ལོ་ ༧༠༠ སྔོན་ལ་ཡིན།

དེ་ཡང་ཡེ་སེའི་སྡོང་རྐང་ལས་ལྕུག་ཕྲན་ཞིག་འབུས་ཤིང་། དེའི་རྩ་བ་ནས་སྐྱེ་བའི་ཡལ་ག་ལས་ཤིང་ཏོག་སྨིན་པར་འགྱུར། དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་དེ། ཤེས་རབ་དང་རྣམ་དཔྱོད་ཀྱི་ཐུགས་ཉིད། མཐུ་སྟོབས་དང་སློབ་སྟོན་གྱི་ཐུགས་ཉིད། མཁྱེན་རྒྱ་དང་དཀོན་མཆོག་ཡ་ཝཱེར་གུས་ཤིང་འཇིགས་པའི་ཐུགས་ཉིད་བཅས་དེའི་སྟེང་དུ་བཞུགས་པར་འགྱུར། དཀོན་མཆོག་ཡ་ཝཱེར་གུས་ཤིང་འཇིགས་པས་དེར་དགའ་སྤྲོ་ཐོབ་པ་དང་། ཁོང་གིས་མིག་གིས་མཐོང་བ་ཁོ་ནར་བརྟེན་ནས་ཆད་པ་མི་གཅོད་ཅིང་། རྣ་བས་ཐོས་པ་ཇི་བཞིན་ལེགས་ཉེས་ཀྱི་དབྱེ་བ་མི་འབྱེད། འོན་ཀྱང་ཁོང་གིས་དྲང་བ་ཉིད་ཀྱིས་དབུལ་པོའི་ཁྲིམས་གཅོད་ཅིང་། དྲང་པོས་ས་གཞིའི་ཉམ་ཆུང་རྣམས་སྐྱོང་། དེའི་ཁ་རུ་ཡོད་པའི་ལྕུག་ཕྲན་གྱིས་ས་གཞིར་རྡུང་ཞིང་། དེའི་ཁ་ནང་གི་རླུང་གིས་མི་ངན་རྣམས་ཚར་གཅོད་བྱེད། དྲང་བ་ཉིད་ནི་ཁོང་གི་སྐ་རགས་དང་། གཞུང་དྲང་ནི་ཁོང་གི་སྐེད་འཆིང་ཡིན་ནོ། །
( ཡེ་ཤ་ཡཱ། 11:1-5 )

མེ་སི་ཡ་ནི་རྒྱལ་པོ་དཱ་བིད་ཀྱི་རྒྱུད་པ་ཡིན་པར་ང་ཚོས་རེ་སྒུག་བྱེད…

ལྟོས་དང་། འདི་ནི་བདག་གི་ཞབས་ཕྱི་སྟེ། བདག་གིས་ཁོ་སྐྱོར་ཞིང་། བདག་གིས་ཁོ་བདམས་པ་དང་སེམས་ནས་ཁོ་ལ་དགའ་སྟེ། ངས་རང་གི་སེམས་ཉིད་ཁོ་ལ་གནང་བ་དང་། ཁོས་མི་རིགས་ཀུན་ལ་དྲང་གཞག་སྐྱོང་ངོ་། ། དེས་འབོད་སྒྲ་མི་སྒྲོག་ལ་ཀུ་ཅོ་ཡང་མི་འདོན། ཁྲོམ་ནས་མི་ལ་ཁོའི་སྐད་ཐོས་པར་ཡང་མི་བྱ། བསྣད་པའི་འདམ་རྩྭ་མི་གཅོག་ལ། དུ་བ་འཐུལ་བའི་སྡོང་རས་གཟུམ་མི་འགྱུར། ཁོས་ལྷག་བསམ་དཀར་པོས་དྲང་བདེན་བསྒྲག་པ་ཡིན། ས་སྟེང་ནས་བདེན་ལུགས་ཚུགས་པའི་བར་དུ། ཁོ་ཡིད་མི་ཆད་ལ་བློ་ཡང་མི་ཕམ་ཞིང་། གླིང་ཕྲན་རྣམས་ཀྱི་མི་ཐམས་ཅད་ཀྱིས་ཁོའི་བསླབ་བྱ་ལ་སྒུག་པའོ། ། ནམ་མཁའི་དབྱིངས་རྣམས་བཀོད་ཅིང་ཨ་སྔོན་དབྱིངས་རྣམས་རྐྱོང་མཁན་གྱིས་ས་གཞི་དང་དེའི་སྟེང་གི་ཐམས་ཅད་བཏིངས་པ་དང་། ས་གཞི་སྟེང་གི་མི་རྣམས་ལ་དབུགས་བསྩལ་ཞིང་། ས་གཞིའི་སྟེང་དུ་སྐྱོད་པའི་མི་རྣམས་ལ་སེམས་ཉིད་གནང་མཁན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། བདག་ནི་ཡ་ཝཱེ་ཡིན་ཞིང་ངས་ཁྱོད་དྲང་བདེན་ངང་ནས་བོས་པ་སྟེ། བདག་གིས་ཁྱོད་ཀྱི་ལག་པར་དམ་པོར་འཇུས་ནས་ཁྱོད་རང་བསྲུང་བ་དང་། ཁྱོད་ནི་མི་རྣམས་ཀྱི་ཞལ་ཆད་དང་། ཕྱི་ཕྱོགས་པ་རྣམས་ཀྱི་འོད་དུ་བྱས་ནས། ལོང་པ་རྣམས་ཀྱི་མིག་འབྱེད་ཅིང་བཙོན་པ་རྣམས་བཙོན་ཁང་ནས་ཕྱི་རུ་འཁྲིད་པ་དང་། སྨག་རུམ་ཁྲོད་དུ་གནས་པ་རྣམས་བཙོན་ལས་སྒྲོལ་བའི་ཕྱིར་ཡིན་ནོ། །
( ཡེ་ཤ་ཡཱ། 42:1-7 )

འདིར་“ཞབས་ཕྱི་”དེ་ནི་དམའ་འཛིན་ཅན་ཡིན་པ་དང་། མི་མང་གི་མདུན་དུ་སྐད་ཆེན་མི་སྒྲོག་པ། ལོང་བའི་མིག་ཕྱེ་བར་མཛད་པ་སོགས་ང་ཚོས་མཐོང་…

ཡེ་ཤ་ཡཱས་ཁོང་གི་དེབ་ནང་ཁོང་གི་སྐོར་ལ་གཞན་ཅི་ཞིག་གསུངས་ཡོད་དམ། མི་གཞན་དག་གིས་མེ་སི་ཡ་ལ་ཇི་ལྟར་བྱེད་དམ། ཁོང་ལ་ཅི་ཞིག་བྱུང་ངམ། དེའི་དོན་ང་ཚོ་ལ་ཅི་ཡིན་ནམ། དེའི་ལན་འདེབས་པའི་ཕྱིར་ཡེ་ཤ་ཡཱས་མ་འོངས་པར་མཆོངས་ནས། ང་ཚོས་སྔོན་ནས་སྤངས་ཟིན་པའི་མེ་སི་ཡའི་སྐོར་ང་ཚོ་ལ་ཐད་ཀར་གསུངས།

རང་ཅག་གིས་བསྒྲགས་པ་ལ་སུ་ཞིག་གིས་ཡིད་ཆེས་སམ། དཀོན་མཆོག་ཡ་ཝཱེའི་ཕྱག་ངར་སུ་ལ་མངོན་པར་བྱའམ། ཁོང་ནི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་རྩི་ཤིང་གསར་བ་འབུས་པ་དང་། རྩ་བ་སྐམ་ས་ནས་རྒྱས་པ་བཞིན། ང་ཚོས་ཡིད་སྨོན་འཆོར་བའི་གཟུགས་མཛེས་དང་རྔམ་བརྗིད་དེ་ལ་མེད་ཅིང་། ང་ཚོ་འགུག་པར་འགྱུར་བའི་མཛེས་སྡུག་ཀྱང་དེ་ལ་མེད། མི་རྣམས་ཀྱིས་ཁོང་ལ་མཐོང་ཆུང་བྱས་ནས་ཁས་མི་ལེན་ཞིང་། ཁོང་ནི་དཀའ་སྡུག་མང་དུ་མྱངས་ཤིང་སེམས་སྡུག་ཤེས་པའི་མི་ཞིག་སྟེ། མི་རྣམས་ཀྱིས་མིག་ནང་མི་འཇོག་པའི་མི་བཞིན་ཡིན། ཁོང་ལ་བརྙས་བཅོས་ཐེབས་ཏེ། ང་ཚོས་ཀྱང་བཀུར་བར་མི་བྱའོ། ། ཁོང་གིས་རང་ཅག་གི་ན་ཚ་ཉིད་ཀྱི་སྟེང་དུ་བླངས་ཤིང་། རང་ཅག་གི་སྡུག་བསྔལ་ཁུར་དུ་བཞེས། འོན་ཀྱང་རང་ཅག་གིས་ཁོང་ལ་ཉེས་རྡུང་ཐེབས་ཤིང་། དཀོན་མཆོག་གིས་བརྡེགས་ནས་སྡུག་ལ་སྦྱར་བར་འདོད། ཡིན་ཡང་ང་ཚོའི་ཉེས་པའི་ཕྱིར་དུ་ཁོང་ལ་རྨ་ཁ་བཏོད་ཅིང་། ང་ཚོའི་སྡིག་པའི་ཕྱིར་དུ་མནན་ཞིང་རྨས། ཁོང་གིས་ཉེས་ཆད་བཞེས་པས་ང་ཚོར་ཞི་བདེ་ཐོབ། ཁོང་གིས་གཅར་རྡུང་མྱངས་པས་ང་ཚོ་དྲག་པར་གྱུར། ང་ཚོ་ཚང་མ་ལམ་བོར་བའི་ལུག་བཞིན་རང་རང་གི་ལམ་དུ་ཞུགས། ཡིན་ཡང་དཀོན་མཆོག་ཡ་ཝཱེས་ང་ཚོའི་སྡིག་པ་ཐམས་ཅད་ཁོང་གི་སྟེང་ལ་བཀལ། ཁོང་ལ་མནར་གཅོད་ཐེབས་ཤིང་སྡུག་བསྔལ་མྱོང་དུས་སྐད་མ་བཏོན། ཁོང་ནི་ཤན་པའི་མདུན་དུ་ཁྲིད་པའི་ལུ་གུ་དང་། བལ་འབྲེག་མཁན་མདུན་གྱི་གྲགས་འགུལ་མེད་པའི་ལུག་ཇི་བཞིན། ཁོང་གིས་ཀྱང་ཞལ་གསུང་མ་གནང་། ཁོང་འཛིན་བཟུང་བྱས་ནས་ཁྲིམས་ཐག་བཅད་རྗེས་ཁྲིད་པར་གྱུར། ཁོང་གི་དུས་རབས་དེའི་མི་ཡིས་ཁོང་གསོན་ཡུལ་ལས་ཚར་དུ་བཅད་ཅིང་། རྡུང་རྡེག་བཏང་བ་ང་ཡི་མི་སྡེའི་སྡིག་པའི་ཕྱིར་ཡིན་པ་སུ་ཡིས་ཤེས། ཁོང་གིས་དྲག་སྤྱོད་མ་སྤེལ་ཞིང་ཞལ་ནས་གཡོ་སྒྱུ་ཅི་ཡང་མེད་ནའང་། མི་ཡིས་ཁོང་ཉིད་སྡིག་ཅན་མཉམ་དུ་དུར་ལ་སྦས་ཤིང་། སྐུ་གཤེགས་དུས་ཕྱུག་བདག་དང་མཉམ་དུ་དུར་ལ་སྦས། ཁོང་ལ་མནར་གཅོད་ཐེབས་ཤིང་སྡུག་བསྔལ་མྱོང་བ་ནི་དཀོན་མཆོག་ཡ་ཝཱེའི་ཐུགས་དགོངས་ཡིན་ཞིང་། དཀོན་མཆོག་ཡ་ཝཱེས་ཁོང་གི་ཚེ་སྲོག་སྡིག་བཤགས་མཆོད་པར་ཕུལ་ན། ཁོང་གིས་རང་གི་བུ་རྒྱུད་གཟིགས་ཤིང་སྐུ་ཚེ་རིང་བར་འགྱུར། དཀོན་མཆོག་ཡ་ཝཱེ་ཐུགས་དགྱེས་པའི་དོན་ཐམས་ཅད་ཁོང་གི་ཕྱག་ནས་འགྲུབ་པར་འགྱུར། ཁོང་གིས་ཚེ་སྲོག་གི་སྡུག་བསྔལ་མྱངས་རྗེས་འོད་གཟིགས་ཤིང་ཡིད་ཚིམ་པར་འགྱུར། བདག་གི་ཞབས་ཕྱི་ཡིས་ཁོང་གི་ཤེས་ཡོན་ལ་བརྟེན་ནས་མི་མང་པོ་དྲང་བདེན་དུ་བརྩི་ཐུབ་པར་མཛད་ཅིང་། ཡང་ཁོང་གིས་དེ་རྣམས་ཀྱི་ཉེས་པ་འཁུར་བར་འགྱུར། དེ་བས་བདག་གིས་ཁོང་ལ་མི་རླབས་ཆེན་མཉམ་དུ་ནོར་སྐལ་ཐོབ་ཏུ་འཇུག་ཅིང་། སྟོབས་ཆེན་རྣམས་དང་ལྷན་དུ་བཅོམ་ནོར་བགོ་བར་བྱ། ཅིའི་ཕྱིར་ཞེ་ན། ཁོང་གིས་རང་གི་ཚེ་སྲོག་འཆི་བའི་ཕྱོགས་སུ་ལྡུག་ཅིང་། ཉེས་ཅན་དུ་བརྩིས་ཀྱང་མི་མང་པོའི་སྡིག་པ་ཁུར་དུ་བཞེས། ཡང་ཉེས་ཅན་རྣམས་ཀྱི་ཕྱིར་དུ་གསོལ་བ་བཏབ་པའོ། །
( ཡེ་ཤ་ཡཱ། 53:1-12 )

སྤངས་ཤིང་བརྙས་བཅོས་ཐེབས་པའི་མེ་སི་ཡ་དེ་བཤས་པའི་ལུ་གུ་ལྟར་ང་ཚོའི་སྡིག་པའི་ཆེད་དུ་གྲོངས་པ་ང་ཚོས་མཐོང་། ཁོང་རྒྱུད་པ་མེད་པར་གྲོངས་ཀྱང་། ཁོང་ལ་“ཚེ་རིང་པོ་ཡོད་པ་”དང་“རྒྱུད་པ་མང་པོ་ཡོད་པ་”འགྱུར། འདིའི་དོན་ནི་ཕལ་ཆེར་མེ་སི་ཡ་གྲོངས་རྗེས་ས་སྟེང་ངམ་གནམ་གྱི་རྒྱལ་ཁབ་ཏུ་སླར་གསོན་ཏེ། ལུས་ཀྱི་བུ་ཕྲུག་གམ་ཐུགས་ཉམས་ཀྱི་བུ་ཕྲུག་ཡོད་པར་འགྱུར་བ་ཡིན།

ད་ནི་རང་ཉིད་ཀྱི་སྦྱོང་བརྡར་ཞིག་ཏུ། ཡེ་ཤུ་ནི་རེ་སྒུག་བྱེད་པའི་མེ་སི་ཡ་ཡིན་མིན་ཐག་གཅོད་པའི་ཕྱིར། ཚེ་སྲོག་གི་ཆ་ཆེན་པོ་ཞིག་ལུས་ངོ་མས་ཡེ་ཤུ་དང་མཉམ་དུ་བསྡད་པའི་མད་ཐཱ་དང་། མར་ཀུ། ཡོ་ཧ་ནན་བཅས་དང་། ནཱ་ཛ་རེཏ་པ་ཡེ་ཤུ་ཁྲི་སྟོའི་མི་ཚེའི་དོན་དངོས་རྣམས་ཞིབ་ཚགས་ངང་བསྡུས་པའི་སྨན་པ་ལུ་ཀ་བཅས་ཀྱིས་ཡེ་ཤུ་ཁྲི་སྟོའི་སྐོར་གྱི་དཔང་རྟགས་ཀློག་རོགས…