ཚང་མ་སྔོན་ནས་ཐག་བཅད་ཟིན་པ་ཡིན་ནམ།
མི་རིགས་ཀྱི་ཐད་དམ་ང་ཚོའི་ཚེ་ལ་འབྱུང་གི་འདུག་པ་ལྟར་སྣང་བའི་དཀའ་ངལ་རྣམས་ཀྱི་སྐོར་ཀློགས་དུས། བྱེད་ཐབས་གང་ཡང་མེད་པ་ལྟར་རོགས་མེད་ཀྱི་འདུ་ཤེས་སྐྱེ་བར་ཕལ་ཆེར་སླ། ང་ཚོ་ལ་ལས་ཚེ་ལ་ཡོད་པའི་ཚང་མ་སྔོན་ནས་ཐག་བཅད་ཟིན་པ་དང་། འབད་བརྩོན་གང་གིས་ཀྱང་དེ་མི་བསྒྱུར་བར་ངུའུ་ངུའུ་ཡིས་མཇུག་བསྡུ་མཁན་ཡོད། འོན་ཀྱང་དོན་དངོས་ལ་དེ་ལྟར་ཡིན་ནམ།
ང་ཚོས་དཀོན་མཆོག་གི་རྗེས་སུ་ཇི་ལྟར་འབྲང་དགོས་སམ། དཀོན་མཆོག་གིས་ང་ཚོ་ཇི་ལྟར་འཚོ་དགོས་པར་དགོངས་སམ།
ང་ཚོའི་མི་ཚེའི་རིང་ལ། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས་ཇི་ལྟར་ཡང་དག་པར་འཚོ་དགོས་པ་དང་། ཇི་ལྟར་འོས་འཚམས་ཀྱི་བྱ་བ་བྱེད་དགོས་པ། བདེ་སྐྱིད་དང་མི་ཚེའི་དོན་སྙིང་ངོ་མ་གང་དུ་འཚོལ་དགོས་པའི་བསམ་བློ་རྒྱུན་དུ་སྐྱེ། ང་ཚོས་རིན་གོང་ཆེ་བའི་དངོས་པོ་ཉོས་པ་དང་རང་གི་གྲུབ་འབྲས་ལས་ཀྱང་ཚིམ་པ་མི་རྙེད…
ང་ཚོས་ཡེ་ཤུས་ ང་ཚོའི་སྲོག་སྐྱོབ་པསྐོར་ཐོས་ཡོད། དེ་ཙམ་གྱིས་འདང་ངམ། ཡང་ན་ང་ཚོ་རང་ཉིད་ཀྱིས་ཀྱང་ཅི་ཞིག་བྱེད་དགོས་སམ།
ཡེ་ཤུ་ནི་མེ་སི་ཡ་ཡིན་ནམ།
ཡེ་ཤུ་དང་། ཁོང་གིས་ང་ཚོའི་ཆེད་དུ་ཁྲུས་ཤིང་སྟེང་དུ་གྲོངས་ནས་ང་ཚོ་སྐྱབས་པའི་སྐོར་ང་ཚོས་རྟག་ཏུ་ཐོས་ཀྱི་ཡོད། ཁོང་ལ་ཡིད་ཆེས་བྱེད་མཁན་སུ་ཡིན་ཡང་ཚེ་རྟག་པ་ཐོབ།
ང་ཚོའི་ཚེ་སྲོག་སྐྱོབ་པ་ནི་རེ་སྒུག་བྱེད་པའི་མེ་སི་ཡའི་ལས་འགན་ཡིན… འོན་ཀྱང་ཡེ་ཤུ་ནི་མེ་སི་ཡ་དངོས་ཡིན་ནམ། ཡང་ན་ང་ཚོས་མི་གཞན་ཞིག་ལ་སྒུག་དགོས་སམ།
བདམས་པ་དེ་སྟེ་ང་ཚོ་ཚང་མ་སྐྱོབ་མཁན་དེའི་སྐོར་གྱི་གནས་ཚུལ་ཕལ་ཆེ་བ་ང་ཚོས་ལུང་སྟོན་པ་ཡེ་ཤ་ཡཱའི་དེབ་ནས་ཐོབ། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པའི་ཉེ་འཁོར་དུ་བཞུགས་ཤིང་ལུང་བསྟན་གནང་། དེ་ནི་ཕལ་ཆེར་ཡེ་ཤུ་སྐུ་འཁྲུངས་པའི་ལོ་ ༧༠༠ སྔོན་ལ་ཡིན།
བཀག་པའི་ཤིང་འབྲས། – ལེགས་ཉེས་ཀྱི་ཤེས་པ་དེ་ང་ཚོའི་ཆེད་དུ་མིན་པ་ཅིའི་ཕྱིར་ཡིན།
དཀོན་མཆོག་གིས་ཨ་དམ་དང་ཧ་ཝ་ལ་ལེགས་ཉེས་ཀྱི་ཤེས་པ་ཅིའི་ཕྱིར་བཀག་པ་ཡིན། འདི་ངོ་མཚར་པོ་ཞིག་ལྟར་སྣང་། གང་ལགས་ཤེ་ན། ཚེ་སྲོག་གི་ལྗོན་ཤིང་གི་འབྲས་བུ་ཡང་ཁོང་གཉིས་ལ་བཀག་མེད། དཀོན་མཆོག་གིས་འབྲས་བུ་དེ་ཟ་མི་ཆོག་པའི་བཀའ་གནང་སྐབས། ལྗོན་ཤིང་དེ་ཅི་འདྲ་ཞིག་ཡིན་པ་ཡང་གསལ་བཤད་གནང་། དཀོན་མཆོག་གིས་ལེགས་ཉེས་ཀྱི་ཤེས་པ་དེ་ང་ཚོའི་ཆེད་དུ་དགོངས་མེད་པ་ང་ཚོས་ཤེས་དགོས་པར་དགོངས། ཅིའི་ཕྱིར།
ནད་ཡམས་ཁྱབ་གདལ་ལ་ཡེ་ཤུའི་རྗེས་འབྲང་བས་ཇི་ལྟར་ལན་འདེབས་དགོས་སམ།
རླུང་འཚུབ་ཆེན་པོ་ཞིག་དང་འདྲ་བའི་ཚོད་འཛིན་བྱེད་མི་ཐུབ་པའི་ནད་དུག་ཅིག་གླིང་ཆེན་རྣམས་བརྒྱུད་ནས་ཁྱབ་བཞིན་ང་ཚོའི་ཉེ་འཁོར་གྱི་མི་རྣམས་ལ་འགོས་བཞིན་ཡོད། ང་ཚོ་ཁ་ཤས་ལ་མཚོན་ན། དེས་ང་ཚོའི་ལས་ཀ་དང་ང་ཚོས་བརྩེ་བའི་མི་རྣམས་ཀྱི་ཚེ་སྲོག་འཕྲོག་གི་ཡོད། སྨན་བཅོས་མེད་པའི་ནད་དུག་གི་མདུན་དུ་ང་ཚོ་རེ་བ་མེད་པ་ལྟར་ཚོར། རླུང་འཚུབ་ཀྱི་དཀྱིལ་དུ་གྲུ་ཆུང་ཞིག་གི་ཐོག་ཡོ་འཁྱོམ་བྱེད་པ་ལྟ་བུར་ཚོར།
ང་འཇིག་རྟེན་འདིར་མི་འཚམ།
“ང་ཅི་ཞིག་བྱས་ཀྱང་ཕྱི་མི་ཞིག་ཏུ་ལུས་ཡོད། ཉིན་རེ་བཞིན་ང་ལ་སུས་ཀྱང་དགའ་པོ་མི་བྱེད་པ་དང་། སུས་ཀྱང་ང་མི་དགོས་པ་ངེས་པར་ཤེས་ཀྱི་ཡོད། ལས་ཀའི་ཐོག་མྱུར་དུ་མཐོ་རིམ་ལ་འཕར་བ། འཛུམ་མདངས་ལྡན་པའི་ཁྱིམ་ཚང་དང་། ཁོང་ཚོར་གུས་བཀུར་བྱེད་པའི་ལས་རོགས་ཡོད་པའི་མི་རྣམས་ཀྱི་ཁྲོད་དུ་ང་སྐྱོ་པོ་ཡོད། ང་མི་འཚམ་པའི་འཇིག་རྟེན་འདིའི་ནང་ང་ཚོའི་མཐའ་འཁོར་གྱི་སྐྱིད་པོའི་གདོང་པ་དེ་དག་ལ་ད་ནི་བཟོད་མི་ཐུབ།...” - ཚོར་བ་འདི་ཁྱེད་ལ་ངོ་ཤེས་པ་ལྟར་སྣང་ངམ།
ཁྱེད་གཅིག་པུ་མིན། ཁྱེད་དང་འདྲ་བའི་ང་ཚོ་མི་ས་ཡ་མང་པོ་ཡོད། ང་ཚོའི་ཁྲོད་ནས་མང་པོ་ཞིག་འཇིག་རྟེན་འདིའི་མི་མ་ཡིན།
མ་འཇིགས། དཀོན་མཆོག་ཁྱེད་དང་མཉམ་དུ་བཞུགས།
སྐབས་རེར་ང་ཚོ་ཅི་ཞིག་ལ་འཇིགས་སྐྲག་སྐྱེ། ཁྱིམ་མི་ཞིག་བརླག་པའི་འཇིགས་སྐྲག་དང་། འཆི་བའམ་བཙན་གནོན་གྱི་འཇིགས་སྐྲག ལས་ཀ་བརླག་པའི་འཇིགས་སྐྲག ལས་ལས་ཕྱིར་ཐོན་པའི་འཇིགས་སྐྲག་སོགས་ཡོད་སྲིད། ང་ཚོ་འཇིགས་སྐབས་ཅི་ཞིག་བྱེད་དགོས། ང་ཚོ་རང་ཉིད་ཀྱིས་འཇིགས་སྐྲག་ལ་ཇི་ལྟར་ཁ་གཏད་བྱེད་ཐུབ། འཇིགས་སྐྲག་སྐོར་ལ་དཔེ་ཆ་དམ་པས་ཅི་ཞིག་གསུངས་ཡོད།
ངས་རང་ཉིད་བོར་བ་དང་ཆག་པ་ལྟར་ཚོར…
“ངས་རང་ཉིད་བོར་བ་དང་། རེ་བ་མེད་པ། ཆག་སྒྱེལ་ཤོར་བ། ཁེར་རྐྱང་ཡིན་པ་ལྟར་ཚོར། ང་གཅིག་པུས་དོན་མེད་ཀྱི་ཚེ་འདི་དང་འཐབ་རྩོད་བྱེད་བཞིན་ཡོད་ལ། ང་ལ་སུས་ཀྱང་དོ་སྣང་མི་བྱེད།” ང་ཚོས་སྐབས་རེར་དེ་ལྟར་ཚོར་གྱི་ཡོད།
ཡེ་ཤུའི་ཆོས་ཚོགས་ཅིའི་ཕྱིར་དེ་ཙམ་མང་པོ་ཡོད།
འཛམ་གླིང་ནང་ཆོས་ཚོགས་མང་པོ་ཞིག་ཡོད་ལ། རེ་རེར་སྲོལ་རྒྱུན་དང་ཆོ་ག་དང་དད་པ་མི་འདྲ་བ་ཡོད། ང་ཚོས་གང་ཞིག་ལ་ཞུགས་དགོས་སམ།
ཀ་ཐོ་ལིག་དང་། ཨོར་ཐོ་ཌོག་ས། བཱབ་ཊིསི་ཊི། ལུ་ཐར་པ། མེ་ཐོ་ཌིསི་ཊི། པེ་རི་སི་བྷི་ཊེ་རི་ཡན… ཡེ་ཤུའི་ཆོས་ལུགས་ཀྱི་ཚོགས་པ་གཙོ་བོ་བཅུ་ཕྲག་མང་པོ་ཡོད་ལ། ཆོས་ཚོགས་མང་པོས་ཆོ་ག་དང་དད་པའི་ཁྱད་པར་ལ་ནན་བཤད་བྱས་ཏེ་རྟག་པར་ཆོས་ཚོགས་གཞན་དག་ལས་རང་ཉིད་ཐག་རིང་དུ་བཞག་གི་ཡོད།
ཡེ་ཤུའི་ཆོས་ལུགས་ལ་ཆོས་ཚོགས་མི་འདྲ་བ་ཡོད་པས་མི་རེ་རེས་རང་ལ་འཚམ་ཤོས་ཀྱི་ཆོས་ཚོགས་ལ་ཞུགས་ཐུབ་པ་དེ་ལེགས་པ་ཞིག་ཡིན་ནམ།
ང་ཐར་པ་ཐོབ་བམ།
མི་རྣམས་ལ་ཁོང་ཚོས་ཐར་པ་ཐོབ་མིན་དྲི་བ་རྒྱུན་དུ་འདྲི་བ་དང་། ཡང་ན་ཁོང་ཚོ་རང་གི་ཐར་པའི་སྐོར་ལ་སེམས་ཁྲལ་བྱེད་པའམ་འཆི་བར་འཇིགས་པ་ཡོད།
ཐོག་མར་དཀོན་མཆོག་གིས་ང་ཚོ་ཨེ་དེན་ལྡུམ་ར་རུ་ཁོང་དང་མཉམ་དུ་སྡོད་ཆེད་བཀོད། འོན་ཀྱང་ཨེ་ཝ་དང་ཨ་དམ་གྱིས་བཀག་པའི་འབྲས་བུ་ཟོས་ཏེ། ང་ཚོའི་ཚེ་སྲོག་ནང་སྡིག་པ་ཁྱེར་ཡོང་། སྡིག་པས་ང་ཚོ་དཀོན་མཆོག་དང་ཁ་བྲལ་དུ་འཇུག དཀོན་མཆོག་མེད་ན་ཚེ་སྲོག་མེད། སྡིག་པས་འཆི་བ་ཁྱེར་ཡོང་…