དཀོན་མཆོག་གིས་ཨབ་ར་ཧམ་ལ་ཁོང་གི་བུ་གསོད་དགོས་ཞེས་ཅིའི་ཕྱིར་བཀའ་གནང་བ་ཡིན།
དེ་ནས་དཀོན་མཆོག་གིས་འདི་སྐད༌དུ། ཁྱོད་ཀྱིས་རང་གི་གཅེས་པའི་བུ་གཅིག་པུ་སྟེ་ཨི་སཱག་ཁྲིད་ནས་མོ་རེའེ་ཡཱ་ཡུལ་དུ་སོང༌དང༌། བདག་གིས་སྟོན་པར་འགྱུར་བའི་རི་བོ་ཞིག་གི་སྟེང་དུ་བུ་དེ་སྦྱིན་སྲེག་ཏུ་ཕུལ་ཞིག་ཅེས་གསུངས༌སོ།།( བཀོད་པ། 22:2 )
ཚང་མ་ཇི་ལྟར་འགོ་ཚུགས་པ…
དཀོན་མཆོག་གི་ཞལ་ཆད།
ང་ཚོ་སྔོན་མའི་དུས་སུ་ཕྱིར་ལོག་ནས་ལོ་མང་པོའི་སྔོན་ལ་བྱུང་བའི་བྱ་བ་རྣམས་ལ་ལྟ་ཞིབ་བྱེད། དེ་དུས་དཀོན་མཆོག་གིས་ཨབ་ར་ཧམ་ལ་གནང་བའི་ཞལ་ཆད་རྣམས་སྐོར་གྱི་བསམ་བློ་ཞིག་འདི་ན་ཡོད།
བདག་གིས་ཁོ་མོར་བྱིན་རླབས་གནང་བ༌དང༌། ཁོ་མོ་ལས་ཁྱོད་ལ་བུ་ཞིག་སྦྱིན་པར་བྱའོ། །ཡང་བདག་གིས་ཁོ་མོར་བྱིན་རླབས་གནང་བ༌དང༌། ཁོ་མོ་མི་རིགས་མང་པོ་ཞིག་གི་ཡུམ་ཡིན་པར་འགྱུར༌ཞིང༌། འབངས་མི་རྣམས་ཀྱི་རྒྱལ་པོའང་ཁོ་མོ་ལས་འབྱུང་བར་འགྱུར་ཞེས་གསུངས༌སོ།། ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་འདི་སྐད༌དུ། དེ་འདྲ་མིན༌ཏེ། ཁྱོད་ཀྱི་ཆུང་མ་སཱ་རས་ཁྱོད་ལ་བུ་ཞིག་བཙའ་བ༌དང༌། ཁྱོད་ཀྱིས་བུའི་མིང་ལ་ཨི་སཱག་ཅེས་འདོགས་པར༌གྱིས། བདག་གིས་ཁོ་དང་ཁོའི་རིགས་རྒྱུད་ཕྱི་མ་རྣམས་ལ་དུས་གཏན་གྱི་ཁ་ཆད་འཇོག་པར༌བྱའོ།། སང་ལོའི་དུས་འདི༌ལ། སཱ་རས་ཁྱོད་ལ་བུ་ཨི་སཱག་བཙའ་ཞིང་བདག་གིས་དེ་ལ་ཁ་ཆད་འཇོག་པར་བྱ་ཞེས་གསུངས་པ༌དང༌།( བཀོད་པ། 17:16,19,21 )
དཀོན་མཆོག་གིས་ས་རས་སྐྱེ་རྒྱུའི་བུ་གཅིག་པོ་ཡི་སཱག་དང་མཉམ་དུ་གན་རྒྱ་འཇོག་རྒྱུའི་ཞལ་ཆད་གནང་། ཞལ་ཆད་འདི་ཡི་སཱག་མ་སྐྱེས་གོང་ནས་གནང་བ་ཡིན་པས། དཀོན་མཆོག་གིས་ཡི་སཱག་གི་སྲོག་སྲུང་རྒྱུའི་དགོངས་པ་གསལ་པོ་ཡོད་པ་མཚོན། འོན་ཀྱང་ཨབ་ར་ཧམ་གྱིས་དཀོན་མཆོག་གི་ཞལ་ཆད་ལ་ཇི་ལྟར་ལན་བཏབ་པ་ལ་ལྟ།
ཨབ་ར་ཧམ་གྱིས་དཀོན་མཆོག་གི་བཀའ་ལ་དད་པ་མི་འདང་བ་མཚོན།
དེ་ནས་ཨབ་ར་ཧམ་གྱིས་ཕྱག་བཙལ་ནས་བསྡད༌དེ། ལོ་བརྒྱ་ལོན་པའི་མི་ཞིག་ལ་བུ་འཐོབ་སྲིད༌དམ། སཱ་རའང་ལོ་དགུ་བཅུ་ལོན་པས་བུ་སྐྱེ་སྲིད་དམ་ཞེས་སེམས་ལ་དྲན་ཞིང་དགོད་བྲོ་བར༌གྱུར།( བཀོད་པ། 17:17 )
ཨབ་ར་ཧམ་གྱི་བྱ་སྤྱོད་ཀྱིས་དཀོན་མཆོག་ལ་དད་པ་བརྟན་པོ་ཡོད་པ་མི་མཚོན།
ཨབ་ར་ཧམ་གྱིས་ད་དུང་དཀོན་མཆོག་ལ་ཡིད་ཆེས་མི་བྱེད།
རྗེས་སུ་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཞལ་ཆད་བསྐྱར་དུ་གནང་། ཐེངས་འདིར་ཨབ་ར་ཧམ་གྱིས་དོགས་པ་མ་བྱས་ཀྱང་། ས་རས་དོགས་པ་བྱས།
དེ་ནས་ཁོང་རྣམས་ལས་གཅིག་ན༌རེ། སང་ལོའི་དུས་འདི༌ལ། ང་རང་ཕྱིར་ཁྱོད་ཀྱི་ཡུལ་འདིར་འོང་ངེས༌ཤིང༌། ཁྱོད་ཀྱི་ཆུང་མ་སཱ་ར་ལ་བུ་ཞིག་སྐྱེ་བར་འགྱུར་ཞེས་གསུངས་པ༌དང༌། སཱ་རས་ཀྱང་མི་དེའི་ལྟག་རྒྱབ་ཀྱི་སྦྲ་གུར་མདུན་ནས་གཏམ་དེར་ཉན་བཞིན༌བསྡད། སྐབས་དེར་ཨབ་ར་ཧམ་དང་སཱ་ར་གཉིས་དགུང་ལོ་མཐོ༌ཞིང༌། སཱ་རའི་ཟླ་མཚན་ཡང་ཆད་ཟིན༌ཏོ།། སཱ་རའི་སེམས་སུ་ཁོང་དགོད་ཅིག་བྱས༌ཏེ། བདག་ནི་རྒས་ཤིང་ཉམས་པ་དང་ངའི་བདག་པོའང་རྒས་ཟིན༌པས། དོན་ལེགས་པོ་འདི་ལྟ་བུ་འབྱུང་སྲིད་དམ་སྙམ༌མོ།། དེ་ནས་དཀོན་མཆོག་ཡ་ཝཱེས་ཨབ་ར་ཧམ་ལ་འདི་སྐད༌དུ། སཱ་རས་ཅིའི་ཕྱིར་ཁོང་དགོད་བྱས༌ཏེ། བདག་ནི་རྒས་འཁོགས་རྒན་མོར་གྱུར་པ་ལ་བུ་སྐྱེ་ནུས་སམ་ཞེས༌སྨྲའམ།( བཀོད་པ། 18:10-13 )
ད་ལྟ་ང་ཚོས་ཨབ་ར་ཧམ་ལ་དཀོན་མཆོག་ལ་དད་པ་ངོ་མ་ཡོད་ཅེས་བཤད་ཐུབ་བམ། གལ་ཏེ་ཡོད་ན། དཀོན་མཆོག་གིས་ཞལ་ཆད་བསྐྱར་དུ་གནང་མི་དགོས། དེ་མ་ཟད། རྗེས་མའི་ལུང་གིས་ཨབ་ར་ཧམ་གྱིས་ད་དུང་དཀོན་མཆོག་ལ་ཡིད་ཆེས་མི་བྱེད་པ་མཚོན། གང་ལགས་ཤེ་ན། ཁོང་གིས་ས་ར་ནི་ཁོང་གི་སྲིང་མོ་ཡིན་ཞེས་རྫུན་སྨྲས་ནས་གེ་རར་གྱི་རྒྱལ་པོ་ཨ་བི་མེ་ལེག་ལ་མགོ་སྐོར་བཏང་། འདིས་ཨབ་ར་ཧམ་གྱིས་རང་ཉིད་ཤི་ན་དཀོན་མཆོག་གི་ཞལ་ཆད་འགྲུབ་པར་གནོད་སྲིད་སྙམ་ནས་འཇིགས་པ་མཚོན། གང་ཡིན་ཟེར་ན། ཁོང་མེད་ན་ཡི་སཱག་ཀྱང་མེད།
དེ་ནས་ཨབ་ར་ཧམ་གྱིས་རང་གི་ཆུང་མ་སཱ་ར་ནི་རང་གི་སྲིང་མོ་ཡིན་ཟེར༌བས། གེ་རཱར་གྱི་རྒྱལ་པོ་ཨ་བི་མེ་ལེག་གིས་མི་མངགས་ནས་སཱ་ར་རང་གི་ཁྱིམ་དུ་བླངས༌སོ།།( བཀོད་པ། 20:2 )
ཡང་ཨབ་ར་ཧམ་གྱིས་འདི་སྐད༌དུ། ངས་ས་ཆ་འདིའི་མི་རྣམས་དཀོན་མཆོག་ལ་མི་གུས་མི་འཇིགས་པར་འདོད༌ཅིང༌། ཁྱོད་རྣམས་ཀྱིས་བདག་གི་ཆུང་མའི་རྐྱེན་གྱིས་ང་རང་གསོད་ངེས་པར༌བསམས།( བཀོད་པ། 20:11 )
ལོ་གཅིག་གི་རྗེས་སུ་དཀོན་མཆོག་གིས་ཞལ་ཆད་ལྟར་ཨབ་ར་ཧམ་ལ་བུ་ཞིག་གནང་ནས་ཞལ་ཆད་ཡོངས་སུ་གྲུབ། དོན་དེས་ཨབ་ར་ཧམ་གྱི་དཀོན་མཆོག་ལ་དད་པ་འགྱུར་བ་བཏང་ངམ།
ཨབ་ར་ཧམ་གྱི་དཀོན་མཆོག་ལ་དད་པ་ནི་ང་ཚོའི་བསམ་ཡུལ་ལས་འདས་པའི་བརྟན་པོ་ཡིན་པའི་སྒྲུབ་བྱེད།
ལོ་མང་པོའི་རྗེས་སུ་ཡི་སཱག་ཆེར་སྐྱེས་རྗེས། དཀོན་མཆོག་གིས་ཨབ་ར་ཧམ་ལ་ཧ་ལས་དགོས་པའི་བཀའ་ཞིག་གནང་། ངོ་མཚར་བ་ཞིག་ལ། ཨབ་ར་ཧམ་གྱིས་འཕྲལ་དུ་ལན་བཏབ་ནས་དཀོན་མཆོག་གིས་བཀའ་བཞིན་ཇི་བཞིན་བསྒྲུབས། ཨབ་ར་ཧམ་གྱིས་ས་ར་ལས་སྐྱེས་པའི་བུ་གཅིག་པོ་ཡི་སཱག་ལ་བརྩེ་བ་ཟབ་མོ་ཡོད་ཀྱང་། ཁོང་དཀོན་མཆོག་ལ་མ་འཇུར།
དེ་ནས་དཀོན་མཆོག་གིས་འདི་སྐད༌དུ། ཁྱོད་ཀྱིས་རང་གི་གཅེས་པའི་བུ་གཅིག་པུ་སྟེ་ཨི་སཱག་ཁྲིད་ནས་མོ་རེའེ་ཡཱ་ཡུལ་དུ་སོང༌དང༌། བདག་གིས་སྟོན་པར་འགྱུར་བའི་རི་བོ་ཞིག་གི་སྟེང་དུ་བུ་དེ་སྦྱིན་སྲེག་ཏུ་ཕུལ་ཞིག་ཅེས་གསུངས༌སོ།། དེ་ནས་ཞོགས་པར་ཨབ་ར་ཧམ་ཡར་ལངས་ཏེ་བོང་བུར་སྒ་གཏད༌ཅིང༌། སྦྱིན་སྲེག་གི་བུད་ཤིང་གཏུབས་རྗེས་གཡོག་པོ་གཉིས་དང་རང་གི་བུ་ཨི་སཱག་བཅས་ཁྲིད་དེ་དཀོན་མཆོག་གི་བཀའ་བཞིན་དུ་ཡུལ་དེའི་ལམ་ལ༌ཆས། དེ་ནས་ཁོ་གཉིས་དཀོན་མཆོག་གིས་བསྟན་པའི་གནས་དེར་སླེབས་པ༌དང༌། ཨབ་ར་ཧམ་གྱིས་གནས་དེ་རུ་མཆོད་ཁྲི་ཞིག་བཞེངས་པ་དང་དེའི་སྟེང་དུ་བུད་ཤིང་ལེགས་པར་བསྒྲིགས༌རྗེས། རང་གི་བུ་ཨི་སཱག་ཐག་པས་བསྡམས་ཏེ་བུད་ཤིང་གི་སྟེང་དུ༌བཞག ཨབ་ར་ཧམ་གྱིས་ལག་པ་བརྐྱངས་ནས་གྲི་བླངས་ཏེ་བུ་གསོད་པར་རྩོམ་པ༌ལ།( བཀོད་པ། 22:2,3,9,10 )
དེ་ནས་ཕོ་ཉས་འདི་སྐད༌དུ། ཁྱོད་ཀྱིས་བུ་དེ་ལ་ལག་པས་རེག་པར་མི༌བྱའོ། །བུ་དེ་ལ་གནོད་པ་ཅི་ཡང་བྱ་མི་རུང༌ངོ༌། །ཁྱོད་ཀྱིས་དཀོན་མཆོག་ལ་དད་གུས་བྱེད་པ་ད་ལྟ་བདག་གིས༌ཤེས། ཅིའི་ཕྱིར་ཞེ༌ན། ཁྱོད་ཀྱིས་རང་གི་བུ་གཅིག་པུ་བདག་ལ་འབུལ་བར་ཡང་མ་འཛེམ་པའི་ཕྱིར་ཡིན་ཞེས་གསུངས་པ༌དང༌།( བཀོད་པ། 22:12 )
དམ་པའི་གསུང་རབ་ཀྱི་སྐབས་འདིར་དོན་སྙིང་ཟབ་མོ་ཡོད། མི་རྣམས་ཀྱི་དོ་སྣང་རྒྱུན་དུ་འདྲེན་པའི་ཀུན་སྤྱོད་ཀྱི་ཆ་ཙམ་མ་ཡིན།
དང་པོ། དཀོན་མཆོག་གིས་བཀའ་དེ་མ་གནང་གོང་ནས་ཨབ་ར་ཧམ་གྱི་ནུས་པ་དང་ཚད་མཚམས་བཅས་ཡོངས་རྫོགས་མཁྱེན། དེ་བཞིན་དུ། དཀོན་མཆོག་གིས་མི་སུས་ཀྱང་བྱ་བ་དང་གཏམ་གང་ཡང་མ་བྱས་གོང་ནས་སྔོན་ཚུད་དུ་མཁྱེན།
ང་རང་ལངས་དུས་འདུག་དུས་ཁྱེད་ཀྱིས༌མཁྱེན། །ང་ཡི་བསམ་ཚུལ་ཁྱེད་ཀྱིས་རྒྱང་ནས༌མཁྱེན།། ལམ་དུ་འགྲོ་བ་དང་ནི་མར་ཉལ༌བ། །ཁྱེད་ཀྱིས་དེ་ཀུན་ཞིབ་ཏུ་གཟིགས་པ༌དང༌། །ང་ཡིས་ཅི་བྱས་ཚང་མ་ཁྱེད་ཀྱིས༌མཁྱེན།། ཀྱེ་ཀྱེ་ཡ་ཝཱེ་ང་ཡི་ལྕེའི་སྟེང༌དུ། །ཁྱེད་ཀྱིས་མི་མཁྱེན་ཚིག་རྡོག་གཅིག་ཀྱང༌མེད།།( གསུང༌མགུར། 139:2-4 )
དུས་མཚུངས་སུ། ཨབ་ར་ཧམ་ལ་དཀོན་མཆོག་ལ་ཡིད་ཆེས་མི་གཡོ་བ་ཡོད་ཅིང་། དཀོན་མཆོག་གི་ཞལ་ཆད་རྣམས་འགྲུབ་ངེས་ཡིན་པའི་གདེང་ཚོད་ཡོད། དཀོན་མཆོག་གིས་ཡི་སཱག་དང་ཁོང་གི་རྒྱུད་པ་རྣམས་དང་གན་རྒྱ་འཇོག་རྒྱུའི་ཞལ་ཆད་སྲུང་ངེས་ཡིན་པ་ཁོང་གིས་ཐེ་ཚོམ་མེད་པར་གོ། དེའི་ཕྱིར། ཨབ་ར་ཧམ་གྱི་ཡིད་ཆེས་ལྟར་ན། ཡི་སཱག་ཕར་སྟོང་དུ་བརླག་མི་སྲིད། གལ་ཏེ་འཆི་བ་བྱུང་ཡང་། དཀོན་མཆོག་གིས་ཡི་སཱག་སླར་གསོན་པོར་བཟོ་ཐུབ་པའམ་ཞལ་ཆད་དང་མཐུན་པའི་ཐབས་ཀྱིས་བར་དུ་འཛུལ་ཐུབ་པར་ཨབ་ར་ཧམ་གྱིས་ཡིད་ཆེས་བྱེད། ཨབ་ར་ཧམ་གྱིས་ཁོང་དང་ཡི་སཱག་གཉིས་ཀ་ཕྱིར་ལོག་ཡོང་ངེས་ཞེས་བཤད་ནས་ཡིད་ཆེས་མི་གཡོ་བ་དེ་མངོན། དཀོན་མཆོག་ཉིད་ཀྱིས་དགོས་པའི་མཆོད་འབུལ་སྦྱོར་ངེས་ཡིན་པའི་རེ་བ་བྱེད།
གཡོག་པོ་གཉིས་ལ་འདི་སྐད༌དུ། ཁྱོད་གཉིས་ཀྱིས་བོང་བུ་བཟུང་ནས་འདིར་སྒུགས༌དང༌། བདག་དང་བུ་གཉིས་ཀ་གནས་དེར་སོང་ནས་དཀོན་མཆོག་ལ་གུས་ཕྱག་ཕུལ༌རྗེས། ཕྱིར་ཁྱོད་གཉིས་ཀྱི་གམ་དུ་ཡོང་ངེས་ཡིན་ཞེས་གསུངས༌སོ།།( བཀོད་པ། 22:5 )
དེ་ནས་བུ་ན༌རེ། ཕ་ལགས་ཞེས་ཞུས་པ༌དང༌། ཕ་ན༌རེ། བདག་གི༌བུ། ང་རང་འདི་རུ་ཡོད་ཅེས་སྨྲས༌སོ། །ཡང་བུ་ན༌རེ། ཁྱེད་ཀྱིས་གཟིགས༌དང༌། མེ་དང་བུད་ཤིང་ཐམས་ཅད་འཛོམས༌མོད། འོན་ཀྱང་སྦྱིན་སྲེག་ཏུ་ཕུལ་བའི་ལུ་གུ་གང་དུ་ཡོད་ཅེས་ཞུས་པ༌ལ། ཕ་ན༌རེ། བདག་གི༌བུ། དཀོན་མཆོག་གིས་དངོས་སུ་སྦྱིན་སྲེག་གི་ལུ་གུ་གནང་ངེས་ཡིན་ཞེས་སྨྲས་པ་དང་ཕ་བུ་གཉིས་ཀ་མཉམ་དུ༌སོང༌།( བཀོད་པ། 22:7-8 )
ཨབ་ར་ཧམ་གྱི་དད་པའི་དཔེ་འདི་ནི་དཀོན་མཆོག་གིས་བདམས་པའི་མི་དེའི་དད་པ་ཇི་ཙམ་ཟབ་པ་སྟོན་ཆེད་དུ་དམ་པའི་གསུང་རབ་ཀློག་མཁན་ང་ཚོའི་མདུན་དུ་བཀོད་ཡོད། འདིས་ཨབ་ར་ཧམ་གྱི་བྱ་སྤྱོད་དང་དད་པ་ནི་ང་ཚོ་ཚང་མར་གལ་ཆེན་ཡིན་པ་གསལ་བར་སྟོན།
ཁྱོད་ཀྱིས་བདག་གི་གཏམ་ལ་མཉན་པའི༌ཕྱིར། ཁྱོད་ཀྱི་བུ་རྒྱུད་བརྒྱུད་ནས་ས་སྟེང་གི་མི་རིགས་ཐམས་ཅད་ལ་བྱིན་རླབས་འཐོབ་པར་འགྱུར་ཞེས་གསུངས༌སོ།།( བཀོད་པ། 22:18 )
ཨབ་ར་ཧམ་གྱིས་ཁོང་གི་བུ་མཆོད་འབུལ་དུ་མ་ཕུལ། དེ་ལས་དཀོན་མཆོག་ཉིད་ཀྱིས་ཁོང་གི་སྲས་མཆོད་འབུལ་དུ་ཕུལ…
ཨབ་ར་ཧམ་གྱིས་མཐའ་མར་ཁོང་གི་བུ་གསོན་པོར་ཡོད་ངེས་སུ་ཡིད་ཆེས་བྱས་ཀྱང་། ཇི་ལྟར་དང་ནམ་ཞིག་ཡིན་པ་ཁོང་གིས་མ་ཤེས། དོན་ཞིག་ལ། དཀོན་མཆོག་གིས་བསྟན་པའི་རི་བོ་ལ་འགྲོ་བའི་ཉིན་གསུམ་གྱི་ལམ་རིང་པོའི་རིང་ལ། ཡི་སཱག་ནི་ཨབ་ར་ཧམ་ལ་“ཤི་ཟིན་པ་”ཡིན་ཞིང་། ལམ་གྱི་མཇུག་ཉིན་གསུམ་པར་“སླར་གསོན་”བྱུང་། འདྲ་མཚུངས་སེམས་ལ་ཕོག་པ་འདིས་དཀོན་མཆོག་གི་སྲས་ཡེ་ཤུ་ཁྲུས་ཤིང་ལ་བཀྱེལ་ཞིང་ཉིན་གསུམ་པར་སླར་གསོན་པ་དེ་དྲན་དུ་འཇུག
དེ་ནས་ཉིན་གསུམ་པ༌ལ། ཨབ་ར་ཧམ་གྱིས་མགོ་ཡར་བཀྱགས་ཏེ་རྒྱང་རིང་ནས་ཡུལ་དེ་མཐོང་བ༌དང༌།( བཀོད་པ། 22:4 )
སྐུ་གདུང་དུར་དུ་བཅུག་པ་ཡིན། ཡང་གསུང་རབ་ལས་གསུངས་པ༌བཞིན། ཉིན་གསུམ་པར་ཁོང་ཉིད་སླར་གསོན་དུ་མཛད་པར་མ༌ཟད།( ཀོ་རིན་ཐུ་པ་དང་པོ། 15:4 )
ཨབ་ར་ཧམ་ཁོང་གི་བུ་མཆོད་འབུལ་དུ་འབུལ་རྒྱུར་གྲ་སྒྲིག་བྱེད་དུ་བཅུག་པའི་བརྩེ་བ་དང་དཀོན་མཆོག་ལ་བཀུར་བའི་འཇིགས་སྣང་ཟབ་མོ་མ་གོ་ན། དཀོན་མཆོག་གིས་ང་ཚོ་ལ་མཛད་པའི་བྱམས་པ་གོ་བ་དཀའ་སྲིད། དཀོན་མཆོག་གིས་ཀྱང་ང་ཚོ་ཐར་པའི་ཆེད་དུ་ཁྲུས་ཤིང་བཟོད་པར་ཁོང་གི་སྲས་གཅིག་པོ་གནང་།
དཀོན་མཆོག་གིས་འཇིག་རྟེན་ལ་གཅེས་ཤིང་བྱམས༌ཏེ། ཁོང་གི་སྲས་ལ་དད་པ་བྱེད་མཁན་ཐམས་ཅད་ལ་ནམ་ཡང་འཇིག་པ་མེད་ཅིང་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར། ཁོང་གིས་རང་ཉིད་ཀྱི་སྲས་གཅིག་པོའང་མི་ཀུན་ལ་གནང༌བའོ།།( ཡོ་ཧ་ནན། 3:16 )